མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༤ འཁོར་བའི་དུས་དྲན།

ཕྱི་ལོ་ ༢༠༢༢ ཟླ་ ༠༦ ཚེས་༡༡ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་༩ པ་ནས་ཉིན་རྒྱབ་ཆུ་ཚོད་༣ པའི་བར་རི་ཀོན་ཆོས་འཁོར་དགོན་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༤ འཁོར་བའི་དུས་དྲན་དང་ཡུ་རོབ་སུད་སི་ས་གནས་ཆུ་སྒང་དབུ་བརྙེས་ནས་མི་ལོ ༤༣ འཁོར་བའི་དུས་དྲན་མཛད་སྒོ་ཟབ་རྒྱས་འཚོགས་གནང་ཡོད་པ་རེད།

སྐབས་༡༥ པའི་རྒྱུན་ལས་གསར་འདེམས་དང་རྩིས་ལེན་རྩིས་སྤྲོད་ལེགས་འགྲུབ་བྱུང་སོང་།

ཕྱི་ལོ་ ༢༠༢༢ ཟླ ༤ ཚེས་ ༢༣ རེས་གཟའ་སྤེན་པའི་ཉིན་ཡུ་རོབ་སུད་སི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་ ༡༤ པའི་ལོ་དུས་མཐའ་མའི་ལོ་འཁོར་ལས་བསྡོམ་དང་སྐབས་༡༥ པའི་རྒྱུན་ལས་གསར་འདེམས་ལྷན་ཅིག་ཏུ་གོ་སྒྲིག་ཞུས་ནས་ལེགས་འགྲུབ་བྱུང་ཡོད་པ་མ་ཟད། ཕྱི་ལོ་༢༠༢༢ ཟླ་༥ ཚེས་ ༢༣ ཉིན་ཡུ་རོབ་སུད་སི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་༡༤ དང་༡༥ གཉིས་གྱི་རྩིས་ལེན་རྩིས་སྤྲོད་སོགས་རྒྱལ་ཁའི་ངང་ལམ་ལྷོངས་ལེགས་འགྲུབ་བྱུང་སོང་།

རླབས་ཆེན་གྱི་ཕྱག་ལས་གནང་བར་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ལེགས་གསོལ་དུ།

ཡུ་རོབ་སུད་སི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གཟེངས་རྟགས་ནང་དོན།

མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བོད་ཀྱི་སྲིད་སྐྱོང་ཐོག་མ་འབུམ་རམས་པ་མཁས་དབང་བློ་བཟང་སེངྒེ་མཆོག་གིས་འདས་པའི་ལོ་ངོ་བཅུའི་རིང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལྷག་བསམ་ཟོལ་མེད་ཀྱི་ཆབ་དཔལ་རིག་གསུམ་ལ་འབུར་དུ་ཐོན་པའི་ཕྱག་ལས་གནང་པ་དང༌། ལྷག་དོན་ཆོལ་གསུམ་གོང་བུ་གཅིག་གྱུར་གྱི་ལམ་ནས་གཞིས་བྱེས་བོད་མི་མཉམ་ཁྲིད་ཀྱི་ནུས་པ་སྔར་ལྷག་སྟོན་པ་སོགས་༧གོང་ས་མཆོག་གི་དགོངས་བཞེད་དང་རྒྱ་ཆེའི་མི་མང་གི་མངོན་འདོད་ལྟར་རླབས་ཆེན་གྱི་ཕྱག་ལས་གནང་བར་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ལེགས་གསོལ་དུ།

མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དཱངས་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༣དང་ཡུ་རོབ་སུད་སི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་བཙུགས་ནས་ལོ་ངོ་ ༤༢ འཁོར་བའི་དུས་དྲན།

མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་ས་གཉིས་ཀྱི་ངོས་ནས་འཛམ་གླིང་ཁྱོན་ཡོངས་ནས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དུས་དྲན་སྲུང་བརྩི་ཟབརྒྱས་ཞུ་བཞིན་ཡོད་པར་སོང་། འདུ་གར་ཡུ་རོབ་སུད་སི་ས་གནས་ཆུ་སྒང་སྐབས་བཅུ་བཞི་པའི་རྒྱུན་ལས་ནས་གོ་སྒྲོགའོགཕྱི་ལོ་ ༢༠༢༡ ཟླ་ ༠༦ ཚེས་༡༢ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་༩ པ་ནས་ཉིན་རྒྱབ་ཆུ་ཚོད་༣ པའི་བར་རི་ཀོན་ཆོས་འཁོར་དགོན་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༣ འཁོར་བའི་དུས་དྲན་དང་ཡུ་རོབ་སུད་སི་ས་གནས་ཆུ་སྒང་དབུ་བརྙེས་ནས་མི་ལོ ༤༢ འཁོར་བའི་དུས་དྲན་མཛད་སྒོ་ཟབ་རྒྱས་འཚོགས་གནང་ཡོད་པ་རེད།